སྒྲུང་རྩོམ་འདི་ནི་སྐབས་དེའི་ལོ་རྒྱུས་དེབ་ཐེར་དང་སྒྲུང་ཡིག་གཞིར་བཟུང་ནས་ཡང་བསྐྱར་རྩོམ་འབྲི་བྱས་པ་ཞིག་རེད། བརྗོད་བྱ་ནི་༡༦༩ལོ་ནས་༢༨༠ལོར་བྱུང་བའི་ལོ་རྒྱུས་གཏམ་རྒྱུད་དེ། ལིའུ་པེ་དང་། ཀྲུའུ་ཀོ་ལིའང་། ཚའོ་ཚའོ། སུན་ཆོན་སོགས་མི་སྣ་མང་པོ་ཞིག་འབྲི་འགོད་བྱས་ཡོད་ཅིང་། སྒྲུང་སྙན་ཞིང་དམག་འཁྲུག་གི་བྱུང་རབས་འཚར་བའི་ཐོག་ནས་ད་བར་དུ་མི་སེམས་འགུགས་བཞིན་དུ་ཡོད། མཛད་ཆོས་འདིས་ད་དུང་སྒྲུང་རྩོམ་གྱི་ལེའུའི་རྣམ་བཅད་གསར་བཏོད་བྱས་ནས་ཕྱི་རབས་ཀྱི་སྒྲུང་རྩོམ་འབྲི་ཐབས་ལ་ལམ་སྲོལ་བཏོད་ཡོད་པ་རེད།[༡]