ཁལ་ཁ་རྗེ་བཙུན་དམ་པ་ངག་དབང་བློ་བཟང་ཆོས་ཀྱི་ཉི་མ་བསྟན་པའི་དབང་ཕྱུག་

(ཁལ་ཁ་སྐུ་ཕྲེང་བརྒྱད་པ)རབ་བྱུང་བཅོ་ལྔ་པའི་ལྕགས་རྟ(༡༨༧༠)ལོར་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་སྐུ་ཉེར་གཏོགས་པ་ཞོལ་ཚ་གུར་དུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་རྒྱལ་བའི་ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཆོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས། སྐྱོར་མོ་ལུང་མངའ་རིས་སྤྲུལ་སྐུ་ཡོངས་འཛིན་དུ་བསྐོ་གཞག་གནང་སྟེ་ལྷན་རྒྱས་ཏཱ་ཁུ་རེ་དུ་གདན་དྲངས། རབ་བྱུང་བཅོ་ལྔ་པའི་ས་སྤྲེལ(༡༩༠༨)ལོར་དེ་སྔོན་དཔར་བརྐོས་འགོ་ཚུགས་ནས་མཇུག་སྐྱེལ་མ་གྲུབ་པར་ལུས་པའི་བཀའ་འགྱུར་གྱི་ཤིང་དཔར་པོད་བརྒྱ་དང་ལྔ་ཆ་ཚང་མཇུག་སྐྱོང་གནང༌། རབ་བྱུང་གོང་གསལ་གྱི་ལྕགས་བྱ(༡༩༢༡)ལོར་ཁལ་ཁའི་ཡུལ་དུ་གསར་བརྗེའི་ལས་འགུལ་བྱུང་ཞིང༌། སྲིད་གཞུང་གསར་པ་ཚུགས་ཏེ་ཕྱིན་ཆད་རྗེ་བཙུན་དམ་པའི་ཡང་སྲིད་ངོས་འཛིན་གདན་ཞུ་བྱེད་མི་ཆོག་པའི་ཁྱབ་བསྒྲགས་བྱས་ཤིང༌། དགུང་ལོ་ང་བཞི་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག(༡༩༢༣)ལོར་དགོངས་པ་རྫོགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།