ཏེན་ཚྭ་མི་འདང་བའི་ནད་ནི་འཛམ་གླིང་རང་བཞིན་གྱི་ས་གནས་ཀྱི་ནད་གཞི་ཞིག་རེད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་༡༡༠ཡི་ཁྱོན་མི་དུང་ཕྱུར་༡༦ཏེན་ཚྭ་མི་འདང་བའི་ས་ཁུལ་དུ་འཚོ་བ་སྐྱེལ་བ་དང་ལོ་ལྟར་ཏེན་ཚྭ་མི་འདང་བའི་རྐྱེན་གྱིས་ཕྲུ་གུ་ཁྲི་༣སྦྲུམ་ཁོག་ནང་ཤི་བ་དང་། ཕྲུ་གུ་ཁྲི་༡༢རིག་པ་ཉམས་པ་དང་གཟུགས་པོ་སྐྱེ་འཚར་ཞན་པ། མི་དུང་ཕྱུར་༥.༦༦ལ་ས་གནས་རང་བཞིན་གྱི་ནད་གཞི་ཕོག་པ། ཁེ་ཏིང་ནད་ཕོག་མཁན་ཁྲི་༦༠༠ཡན་ཟིན་པ། ཀླད་པའི་ནུས་པ་ཉམས་པའི་ནད་པ་དུང་ཕྱུར་༣ཡན་ཟིན་ཡོད།
ང་ཚོའི་གཟུགས་པོར་ཏེན་ཚྭ་འདང་མིན་བརྟག་དཔྱད་བྱེད་འདོད་ན། སྨན་ཁང་དུ་གཅིན་པར་བརྟག་དཔྱད་བྱས་ན་ཏེན་ཚྭ་འདང་མིན་བརྟག་དཔྱད་བྱེད་ཐུབ།
བྱིས་པའི་ནད་རྟགས། བྱིས་པའི་ཀླད་ཆེན་གྱི་དབང་རྩ་དང་གཟུགས་པོ་འཚར་སྐྱེས་ལ་ཤུགས་རྐྱེན་ཕོག་གི་ཡོད་པས། ཁེ་ཏིང་གི་ནད་ཅེས་བརྗོད་ཀྱི་ཡོད། གཙོ་བོ་རིག་པ་ཉམས་པ་དང་། སློབ་སྦྱོང་གི་ནུས་པ་ཉམས་པ། གཟུགས་པོ་ཆུང་བ་བཅས་ཡོང་བ་དང་ཚབས་ཆེ་བར་རྒྱལ་གཟེར་རྒྱག་གི་ཡོད།
དར་མའི་ནད་རྟགས། ས་གནས་རང་བཞིན་ཨེལ་རྨེན་སྐྲངས་བ་དང་འཇིང་པ་སྦོམ་པའི་ནད་རྟགས་ཐོན་པ་དང་ཚབས་ཆེ་བར་མིད་དཀའ་བ་དང་དབུགས་གཏོང་མི་བདེ་བར་གྱུར་གྱི་ཡོད། སྦྲུམ་བུ་ཤི་བའམ་ཡང་ན་ཕྲུ་གུ་ཡ་མ་གཟུགས་ཆགས་པའམ་ཡང་ན་མངལ་ཤོར་བ་དང་སྔ་བཙས་ཡོང་གི་ཡོད།
༼ ༡ ༽ ཁོར་ཡུག་གི་རྒྱུ་རྐྱེན།
དེའི་རྒྱུ་རྐྱེན་འཛམ་གླིང་ས་ཁུལ་མང་ཆེ་བའི་ས་རྒྱུའི་ནང་ཏེན་ཚྭ་དཀོན་པ་དང་ལྷག་པར་དུ་འཁྱག་ཀླུང་ཁུལ་དང་ཆུ་ལོག་ཐོན་སླ་བའི་ཐང་སྟོང་དུ་མིས་ས་རྒྱུར་གཏོར་བཤིག་གཏོང་བ་དང་། ལྗོན་ཤིང་གང་བྱུང་གཅོད་པ། ས་ཆུ་ཤོར་བ་སོགས་རྐྱེན་གྱིས་ཏེན་ཚྭ་མི་འདང་བའི་གནས་ཚུལ་ཐོན་གྱི་ཡོད།
༼ ༢ ༽ སྦྲུམ་བུར་ཏེན་ཚྭ་ཆད་པ།
མངལ་སྦྲུམ་སྐབས་སུ་སྦྲུམ་མས་ཏེན་ཚྭ་འདང་ན་ཁྲག་རྒྱུན་གྱི་ཏེན་གར་ཚད་དམའ་རུ་འགྲོ་ཡི་ཡོད།
༼ ༣ ༽ བཟའ་བཅའི་རྒྱུ་རྐྱེན།
མིའི་གཟུགས་པོར་ཏེན་ཚྭ་མཁོ་སྤྲོད་༨༠%ནས་༩༠%ནི་མཚོ་ཐོན་བཟའ་བཅའ་ལས་ཡོང་བ་དང་བཟའ་བཅའ་གཞན་ལ་ཏེན་ཚྭ་འདུས་ཚད་ཉུང་ཉུང་རེད། གཞན་ཡང་ཡུན་རིང་ཨོལ་རྨེན་རྒྱུ་རྐྱེན་འགོག་པའི་ཟས་རིགས༼དཔེར་ན་ལ་ཕུག་དང་། ཀན་ལན། ཚན་ཀོག་ཕིག་དང་βཟི་ཚབ་རྒུན་འབྲུམ་མངར་ཆ་འདུག་པ༽མང་པོ་བཟས་ན་ཨོལ་རྨེན་གྱིས་ཏེན་ཚྭ་བསྡུ་ལེན་དང་སྤྱོད་པར་འགོག་རྐྱེན་བཟོ་སྲིད།
ཏེན་ཚྭ། བཟའ་ཚྭའི་ནང་ཏེན་ཧྭ་ནཱའམ་ཡང་ན་ཏེན་ཅཱ་སྣོན་དགོས་ལ། གར་ཚད་༡:༡ནས་ཁྲི་༡:༢ཡིན།
དཔེར་ན། ཧའེ་ཏའེ་དང་། སྨུག་ཚལ། མཚོ་སྐྱེས་སྔོ་རིགས། ཉ་དང་ཤ་སྨི་སོགས་མང་ཙམ་ཟ་དགོས།
ཏེན་སྣུམ་སྨན་ཁབ་རྒྱག་པ། ནད་རྐྱེན་ཉུང་ལ་ཡོངས་ཁྱབ་ཏུ་ཏེན་གསབ་མི་དགོས་པའི་ས་ཁུལ་དུ་སྤྱད་ན་འཚམ་པོ་ཡོད།
ཏེན་ཧཱ་འཐུང་ཆུ། འཐུང་ཆུའི་ནང་ཏེན་ཧཱ་ཅཱ་བསྲེས་པ་དང་ཆུ Lཁྲི་༡༠ལ་ཏེན་ཧཱ་ཅཱ་༡gབསྲེས་དགོས། (ཆུ་ཧྲེང་རེར་ཏེན་ཧཱ་ཅཱ་༡༠μgབསྲེས་དགོས། )