ཡུན་སེང། | |
རིགས་དབྱེ། | མི་སྣ་འཁྲབ་སྟོན་། |
སྟེགས་བུ། | Android iOS Microsoft Windows PlayStation 4 PlayStation 5 |
གསར་སྤེལ་ཚོང་པ། | སྨི་ཧ་ཡིའུ་།(米哈游) |
དཔེ་སྐྲུན་ཁང་། | སྨི་ཧ་ཡིའུ་།(米哈游) |
བཟོ་སྐྲུན་མཁན་། | ལིའུ་ཝེ།(刘伟) ཚའེ་ཧའོ་ཡུས་།(蔡浩宇) |
རོལ་མོ་བ་། | ཁྲེན་ཡུས་ཕུང་།(陈宇鹏) HOYO-MiX |
ཨིན་ཇི། | Unity |
གཉེར་སྐྱོང་ཉིན་མོ་། | ༢༠༢༠་ལོའི་ཟླ་༩་ཚེས་༢༨་ཉིན་། |
མིང་གཞན་དག། | |
རྒྱ་ཡིག། | 原神 yuán shén |
ཉི་ཧོང་སྐད། | 原神 げんしん |
ཨིན་སྐད། | Genshin Impact |
ཁོ་རེ་ཡའི་སྐད། | 원신 wonsin |
《ཡུན་སེང》་ཞེས་པ་ནི་རོལ་རྩེད་ཀུང་སིས་སྨི་ཧ་ཡིའུ(米哈游)་གསར་སྤེལ་བྱས་པའི་མི་སྣ་འཁྲབ་སྟོན་གྱི་རོལ་རྩེད་ཅིག་རེད ༢༠༢༠་ལོའི་ཟླ་༩་ཚེས་༢༨་ཉིན་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་རེད་། རོལ་རྩེད་ལ་འགུལ་རིས་ཁྱད་ཆོས་ལྡན་པའི་འཛམ་གླིང་ཁོར་ཡུག་སྒོ་འབྱེད་ཡོད བྱང་བུ་འཐེན་པའི་གཞི་རྩའི་རིན་མེད་དང་འཁྲབ་ཆས་ཀྱི་རིན་བསྡུ་ལམ་ལུགས་བཀོལ་བ།
རོལ་རྩེད་ཀྱི་ཟློས་གར་གྱི་ནང་དོན་ནི་རྟོག་བཟོ་བྱས་པའི་འཛམ་གླིང་གི་“ཐེ་ཝ་ཐེ་སྐམ་ས་ཆེན་པོའི”(提瓦特大陆)་ཐོག་སྤེལ་བ འཛམ་གླིང་འདི་རྒྱལ་ཁབ་བདུན་ལ་བགོས་ཡོད་ རྒྱལ་ཁབ་རེ་རེ་ཚང་མས་གཞི་རྒྱུ་གཅིག་བརྗོད་བྱ་གཙོ་བོར་བྱེད་པ་མ་ཟད ལྷ་ཞིག་གིས་དབང་སྒྱུར་བྱས་པ་རེད།
རོལ་རྩེད་ཟློས་གར་གྱི་ནང་དོན་གྱི་མི་སྣ་གཙོ་བོ་ནི་“ཡུལ་སྐོར་བ”(旅行者)་ཡིན གྲངས་ལས་འདས་པའི་འཇིག་རྟེན་ཁྲོད་ཆུ་ཁར་གཡེང་བའི་མིང་སྲིང་ཆ་གཅིག་རེད ཆ་རྒྱུས་མེད་པའི་ལྷ་ཡི་བཀག་འགོག་ཐེབས་པས་ ཁོ་ཚོ་“ཐེ་ཝ་ཐེ་སྐམ་ས་ཆེན་པོའི”་ནས་ཁ་མི་འབྲལ་ཀ་མེད་བྱུང་།
རྩེད་མཁན་གྱིས་ཡུལ་སྐོར་བ་འཁྲབ་སྟོན་བྱེད་རྒྱུ་རེད རང་ཉིད་དང་ཁ་བྲལ་བའི་ཤ་ཉེ་གཅིག་པུ་དེ་འཚོལ་བའི་ཆེད་དུ་“ཕེ་མོང”(派蒙)་དང་མཉམ་དུ་རྒྱལ་ཁབ་བདུན་ལ་ཡུལ་སྐོར་དུ་སོང་། བོར་བརླག་ཏུ་སོང་བའི་ཤ་ཁྲག་འཚོལ་བའི་ལམ་བར་དུ་ཁོང་གིས་“ཡུན་སེང”ཡི་བདེན་དོན་རྙེད་པ་རེད།
རོལ་རྩེད་གསར་སྤེལ་ལས་དོན་དེ་༢༠༡༧ལོའི་ཟླ་དང་པོའི་ཟླ་མཇུག་ནས་འགོ་ ཚུགས་པ་དང་ཐོག་མའི་ཚོད་ལྟ་དེ་༢༠༡༩ལོའི་ཟླ་༦ཚེས་༢༡ཉིན་འགོ་ ཚུགས་པ་དང་༢༠༢༠ལོར་རོལ་རྩེད་ཁྱབ་བསྒྲགས་བྱས་རྗེས་ཡོངས་ཁྱབ་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། རྩེད་མཁན་རྣམས་ཀྱིས་རོལ་རྩེད་ཀྱི་འཐབ་འཛིང་ལམ་སྲོལ་དང་སྒོ་འབྱེད་འཛམ་གླིང་གིས་ཁྱེར་ཡོང་བའི་སིམ་འཛུལ་གྱི་ཚོར་བར་བསྟོད་བསྔགས་བྱས་མོད་ འོན་ཀྱང་དེའི་རོལ་རྩེད་ཀྱི་དུས་མཇུག་གི་ཉམས་ལེན་དང་རིན་སྤྲོད་རྣམ་པར་སྐྱོན་བརྗོད་བྱས།
《ཡུན་སེང》་ལ་ཡང་ཚོང་ལས་སྟེང་གི་རྒྱལ་ཁ་ཐོབ རོལ་རྩེད་འདི་འགྲེམ་སྤེལ་བྱས་པའི་ལོ་དང་པོར་App Storeདང་Google Playཁོ་ནར་ཨ་སྒོར་དུང་ཕྱུར་༢༣ལས་བརྒལ་བའི་ཡོང་འབབ་ཐོབ ལོ་རྒྱུས་སྟེང་ལོ་རེའི་ཡོང་འབབ་ཆེས་མཐོ་བའི་གློག་རྡུལ་རོལ་རྩེད་ཡིན།