རི་པིན་གྱི་སུ་མོ་སྦེ་གར་རི་པིན་དུ་"རྒྱལ་ཁབ་གྱེད་རྩལ་"ཞེས་པའི་མིང་ཡོད། དེ་སྔ་མོའི་དུས་སུ་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་ལ། རྗེས་སོར་ལུས་རྩལ་སྦྱོང་བརྡར་དུ་གྱུར་ནས་འཕེལ་རྒྱས་བྱུང་བ་རེད། སུ་མོ་སྦེ་གའི་འགྲན་སྡུར་ལ་ཞུགས་པའི་ལུས་རྩལ་པ་ཚང་མར་ཡུན་རིང་པོའི་སྦྱོང་བརྡར་ནན་པོ་ཐོབ་ཡོད་ལ། གཟུགས་གཞི་ལེགས་པོ་ཡོད་ཅིང་ལྷག་པར་ལུས་པོའི་ལྗིད་ཚད་དེ་ཚད་དང་ལྡན་པ་ཡོད་དགོས། དེའི་ཕྱིར་རི་པིན་གྱི་སུ་མོ་སྦེ་གའི་ལུས་རྩལ་པ་ཚང་མ་ཤ་རྒྱགས་ཡིན།[༡]