སུའི་གཡང་དི་

སུའི་གཡང་དི་

(隋炀帝)སུའི་རྒྱལ་རབས་ཀྱི་གོང་མ་གཉིས་པ་གཡང་རྡིས་གཡང་གོང་(炀帝杨广)རྒྱལ་པོ་འདིས་སྤྱི་ལོ་༦༠༥ནས་༦༡༨ལོ་བར་ལོ་ངོ་བཅུ་བཞིའི་རིང་སྲིད་དབང་བཟུང་ཞིང་། དེའི་རིང་རྒྱས་སྤྲོས་བག་མེད་ཀྱི་འཚོ་བ་བསྐྱལ་བ་དང་དུས་མཚུངས་མི་གྲངས་ཁྲི་བརྒྱ་ཕྲག་ཁ་ཤས་བསྐུལ་ནས་རང་རྒྱལ་གྱི་ལྷོ་བྱང་གཉིས་མཐུད་ཐུབ་པའི་ཆུ་ཐོག་འགྲིམ་འགྲུལ་གྱི་ཆུ་བདེ་ལས་གྲྭ་གཞི་རྒྱ་ཆེན་པོ་ཞིག་ཚུགས་ཏེ་། རྒྱལ་ས་རྙིང་པ་ལོ་ཡང་ལྟེ་བར་བྱས་པའི་བྱང་རྒྱུད་པེ་ཅིན་གྱི་ལྷོ་ནུབ་དང་། ལྷོ་ཕྱོགས་ཧང་ཀྲེའུ་བཅས་སུ་རྨ་ཆུ་(黄河དང་། ཧོའི་ཧོ་(淮河) འབྲི་ཆུ་(长江བཅས་མཐུད་པའི་ཆུ་བེད་འཛུགས་སྐྲུན་གྱི་རིང་ཚད་ལེ་དབར་བཞི་སྟོང་ལྷག་ཙམ་ཡོད་པ་བཟོ་རུ་བཅུག་པ་ནི་རང་རྒྱལ་གྱི་ལོ་རྒྱུས་ཙམ་མ་ཟད་། འཛམ་གླིང་གི་ལོ་རྒྱུས་ཐོག་གྲགས་པ་ཚེ་བའི་འཛུགས་སྐྲུན་ཞིག་རེད་། འོན་ཀྱང་ཆབ་སྲིད་སྐྱོང་སྟངས་དང་བྱ་སྤྱོད་མ་རབས་ཐ་ཤལ་ཅན་ཞིག་ཡིན་པ་དང་། དམག་ཁྲལ་དང་ས་བོགས་སོགས་བཤུ་གཞོག་ཧ་ཅང་ལྕི་བས་རྒྱ་ཆེའི་མི་དམངས་རྣམས་སྡུག་བསྔལ་མི་བཟོད་པའི་དབང་གིས་འཚོ་ཐབས་མེད་པར་གྱུར་ཏེ་སུའི་རྒྱལ་རབས་ཀྱི་སྲིད་དབང་ཡང་འཐོར་ཞིག་ཏུ་འགྲོ་བའི་འགོ་ཚུགས་སོ་།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།