ཁུན་ས་

ཁུན་ས་ ( Template:Lang-my : ခွန်ဆာ ) , .Template:IPA-myTemplate:IPA-mypronounced [kʰʊ̀ɰ̃ sʰà] ; 17 February 1934 – 26 October 2007) was an ethnic Chinese drug lord and warlord. ཁོང་ འདི་ བར་མ་ གི་བྱང་ཕྱོགས་ ཤན་མངའ་སྡེའི་ མོང་ ཡ་གི་ ལོའི་མའུ་གཡུས་ཚན་ནང་ལུ་ སྐྱེས་ཡོདཔ་ཨིན། [] སྤྱི་ལོ་༡༩༧༦ ལུ་ ཤཱན་གྱི་མིང་ "ཁུན་ས" མ་བླངས་པའི་ཧེ་མ་ ཁོ་ར་ ངོ་མ་རང་ རྒྱ་ནག་གི་མིང་ ཞང་ཅི་ཕུ་ (Lua error in Module:Unicode_data at line 297: attempt to index local 'data_module' (a boolean value). ཟེར་མི་གིས་ ཡོངས་གྲགས་ཐོན་ནུག། ).

ཁུན་ས་གིས་ ཧེ་མའི་མི་ཚེ་ནང་ ཤན་མངའ་སྡེ་རང་དབང་གི་དོན་ལུ་ འཐབ་འཛིང་འབད་ནི་སྦེ་ བཤད་དེ་ རང་སོའི་རང་དབང་གི་ས་ཁོངས་གཞི་བཙུགས་འབད་ནི་ལུ་ མ་འགྱོ་བའི་ཧེ་མ་ ཀུའུ་མིང་ཏང་ དང་ འབར་མའི་དམག་སྡེ་ གཉིས་ཆ་ར་ལས་ དམག་དོན་གྱི་ ཅ་ཆས་དང་ སྦྱོང་བརྡར་ཚུ་ ཐོབ་ནུག། སྤྱི་ལོ་༡༩༧༦ ལས་ ༡༩༩༦ ཚུན་ ཁོ་ར་ གསེར་གྱི་གྲུ་གསུམ་ ནང་ སྨྱོ་རྫས་ ནག་ཚོང་གི་ལཱ་སྦོམ་སྦེ་འབད་མི་ལུ་བརྟེན་ མའན་མར་ལུ་ "སྨྱོ་རྫས་རྒྱལཔོ་" ཟེར་སླབ་ནུག། ཐའི་ལེནཌ་ལུ་ཡོད་པའི་ ཨ་མི་རི་ཀའི་གཞུང་ཚབ་ཀྱིས་ ཁོ་ལུ་ "འཛམ་གླིང་ནང་ དགྲ་ངན་ཤོས" ཟེར་སླབ་རུང་ ཁོ་གིས་ དུས་ཚོད་མ་འདྲཝ་ཚུ་ནང་ ཐའི་ལེནཌ་དང་ བར་མ་གཞུང་གཉིས་ཆ་ར་གིས་ རྒྱབ་སྐྱོར་འབད་ནི་ལུ་ མཐར་འཁྱོལ་ཅན་ཅིག་སྦེ་ མཉམ་འབྲེལ་འབད་ནུག། ཨ་མི་རི་ཀཱའི་ སྨྱོ་རྫས་བཀག་དམ་བདག་སྐྱོང་གིས་ ཁུན་ས་དང་ཁོ་གི་ཕྱི་རྒྱལ་གྱི་བར་ཚོང་པ་ཚུ་གི་བར་ན་ འབྲེལ་བ་འདི་ གསལ་སྟོན་འབད་དེ་ ཆད་པའི་ཤུལ་ལུ་ ཁོ་གིས་ སྤྱི་ལོ་༡༩༩༦ ལུ་ བར་མ་གཞུང་ལུ་ "མགུ་བསྐོར་བརྐྱབ་སྟེ་" ཁོ་རའི་དམག་སྡེ་འདི་ བཏོན་བཏང་ཞིནམ་ལས་ ཁོ་རའི་རྒྱུ་དངོས་དང་ ཨམ་སྲུ་ཚུ་དང་གཅིག་ཁར་ ཡང་གཱོན་ལུ་འགྱོ་ནུག། ཁོ་ར་དགོངས་ཞུ་འབད་བའི་ཤུལ་ལུ་ ཁོ་གི་དམག་མི་ལ་ལུ་ཅིག་གིས་ མགུ་སྐོར་རྐྱབ་མ་བཏུབ་པར་ གཞུང་དང་འཐབ་འཛིང་འཕྲོ་མཐུད་དེ་འབད་རུང་ ཁོ་གིས་ "ཁྲིམས་མཐུན་" ཚོང་འབྲེལ་ལས་འགུལ་ དམིགས་བསལ་གྱིས་ ས་གཏེར་དང་བཟོ་བསྐྲུན་ཚུ་ནང་ འབྲེལ་གཏོགས་འབད་ནུག། སྤྱི་ལོ་༢༠༠༧ ལོར་དགུང་ལོ་༧༣ ཐོག་སྐུ་གཤེགས། ད་རེས་ ཁོ་གི་ཨ་ལོ་ཚུ་ མའེ་ཡན་མར་ལུ་ ཡོངས་གྲགས་ཅན་གྱི་ཚོང་པ་ཚུ་ཨིན་པས།

  1. Doi Mae Salong